བོད་ཡིག་གི་འཚོལ་ས་་་
བརྗོད་བྱའི་དཀར་ཆག །
སྐད་རྒྱུར།
    Translate to:

བསམ་ཚུལ་གསར་པ།

༄༅།།གཡུང་དྲུང་བོན་གྱི་བསྟན་པ་ཇི་ལྟར་དར་ཚུལ།

རྩོམ་པ་པོ།   དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་དབུའི་མཆོད་གནས་ཀྱི་བླ་མར་བཀུར་ཞིང་།       གཉའ་ཁྲིའི་སྲས་མུ་ཁྲི་བཙད་པོ་ནི་རྒྱལ་པོ་ཡང་ཡིན་ལ་བླ་མ་ཡང་ཡིན་ཏེ།    མུ་ཁྲི་ཡན་ལ་གོང་མ་ཆེ་དྲུག་ཅེས་སྤྱི་སྤུངས་བླ་མ་བརྒྱུད་པའི་གཙོ་བོར་བྱེད།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་དབུའི་མཆོད་གནས་ཀྱི་བླ་མར་བཀུར་ཞིང་།       གཉའ་ཁྲིའི་སྲས་མུ་ཁྲི་བཙད་པོ་ནི་རྒྱལ་པོ་ཡང་ཡིན་ལ་བླ་མ་ཡང་ཡིན་ཏེ།    མུ་ཁྲི་ཡན་ལ་གོང་མ་ཆེ་དྲུག་ཅེས་སྤྱི་སྤུངས་བླ་མ་བརྒྱུད་པའི་གཙོ་བོར་བྱེད།    Read the rest of this entry »

བོད་ཀྱི་རྩོམ་རིག་ལོ་རྒྱུསཀྱི་སློབ་ཁྲིད་རྩ་འཛིན།

དང་པོ། སློབ་ཁྲིད་དམིགས་ཡུལ།

གནས་ཚུལ་མདོར་བསྡུས་དང་ལོ་རྒྱུས་རྒྱབ་ལྗོངས་ལ་སྦྲགས་ནས་དུས་སྐབས་དེ་དག་གི་རྩོམ་རིག་གི་ཁྱད་ཆོས་སོགས་ཤེས་རྟོགས་བྱེད་དུ་འཇུག་དགོས་པ་ཞིག་ཡིན་ཕྱིར།   ང་ཚོས་བསླབ་བྱ་འདི་འཁྲིད་པ་བརྒྱུད་ནས་སློབ་མ་ཚོར་བོད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་བྱུང་བའི་རྩོམ་རིག་གི་རྣམ་པ་དང་ཁྱད་ཆོས། རྩོམ་པ་པོའི་བསམ་བློ་སོགས་ཁོང་དུ་ཆུད་པར་བྱས་རྗེས། མ་འོངས་པར་རང་ཉིད་ཀྱིས་དཔེ་ཀློག་བྱེད་པའམ་དཔྱད་གཞིའི་ཡིག་ཆ་བཙལ་བ། རང་ཉིད་གང་ལ་དགའ་བའི་རྩོམ་གཤིས་འདེམས་པ་སོགས་གང་ཅི་ཐད་ལ་སྣེ་ Read the rest of this entry »

རྨས་སྐྱོན་ཤོར་བའི་སེམས་མགུར།།

བེ་རི་འཇིགས་མེད།

ཆར་པ་ཟིལ་ཟིལ་འབབ་བྱུང་།།

ཉི་འོད་ལྷེབ་ལྷེབ་འཚེར་བྱུང་།།

ཆར་དང་ཉི་ཟེར་བར་ནས།།

སྣ་ལྔའི་འཇའ་རིས་མཛེས་པ།།

 

Read the rest of this entry »

ཀ་རྩོམ་བེ་རྨོག་མ།

ཕ་ར་ལ་རྩེད་མོ་བྱས་ནས་བྲིས་པ།

བེ་རི།

ཀ་རེ་ཀོ་རེ་བྱས་ནས་མ་བཞུགས་པར།།

ཁ་རུ་ཁ་ཐུག་བྱས་ནས་སོག་ཡུལ་ཕེབས།།

ག་ཡིན་འདི་ཡིན་མེད་པའི་མཛད་པ་སྐྱོང་།།

ང་ཡི་གྲོགས་པོ་གྲགས་པ་རྒྱལ་མཚན་ལགས།།

Read the rest of this entry »

རྟེན་འབྲེལ་བསྟོད་པ་བཞུགས་སོ།

རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མཛད།

༄༅།།ན་མོ་གུ་རུ་མཉྫུགྛགྷོཥཡ། གང་ཞིག་གཟིགས་ཤིང་གསུང་བ་ཡིས། །མཁྱེན་དང་སྟོན་པ་བླ་ན་མེད། །རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །གཟིགས་ཤིང་འདོམས་པ་དེ་ལ་འདུད། །འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །གང་ཞིག་མཐོང་བས་དེ་ལྡོག་པ། །རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། Read the rest of this entry »

ཡོབ་རོབ་གནའ་མཐུན་ཚོགས་པ།

མདང་གི་མཚན་མོར་ཧྥ་རན་སི་ནས་ཐོན༎

མེ་འཁོར་མྱུར་ཚོད་ནམ་མཁའི་གློག་ལྟར་འཁྱུགས༎

ཐུན་གསུམ་མཚན་མོར་མེ་འཁོར་འབབ་ཚུགས་ནས༎

མོ་ཊའི་ནང་དུ་ཡོན་ཏན་གླིང་ལ་འབྱོར༎

ཤར་ནུབ་ལུགས་ཀྱི་གསོལ་སྟོན་སྣ་ཚོགས་ལས༎

བོད་ཐུག་ཚ་བོའི་རིན་ཐང་སླར་ཡང་སྙེད༎

ཤིན་ཏུ་བཀོད་པ་ལེགས་པའི་ཉལ་ཁང་ནས༎

ངེས་མེད་རྨི་ལམ་སྒྱུ་མའི་གྲོང་ཁྱེར་འགྲིམས༎

Read the rest of this entry »

འགྲིག་ཐག་ཆོད་ཡིན།

ཨ་མ་སྐྱིད་འཛོམས་ཀྱིས་རང་གི་བུ་མོ་ཆོས་སྒྲོན་ལ་མག་པ་གསར་པ་ལེན་ནས་ཟླ་ཤས་རིང་ཁྱིམ་ཚང་འདི་དགོད་སྒྲས་ཁེངས་པའི་འཇིག་རྟེན་གྱི་ཁོར་ཡུག་གསར་པ་ཞིག་ཏུ་གྱུར་མོད། དེ་ནས་ཟླ་ཤས་སོང་བའི་རྗེས་སུ་ཁྱིམ་ཚང་འདིའི་ནང་བྱ་ཚང་དུ་རྡོ་འཕངས་པ་ལྟར་རྒྱུན་དུ་ང་འགྲོ་ཁྱོད་སྡོད་གྱི་ཅ་ཅོ་དང་ངུ་སྒྲས་ཁེངས་པས། མཐའ་ན་ཁྱིམ་འདིའི་ལྟག་ཞབས་ནས་འགྲོ་མཁན་གྱི་ལམ་འགྲུལ་ཚུན་ཆད་ཀྱིས་མགོ་བོ་འཕྲེད་དུ་གཡུག་གཡུག་མི་བྱེད་མཁན་སུ་ཡང་མེད། Read the rest of this entry »

༄༅། །སྒྲོལ་མ་བཞུགས་སོ། །

༈ ན་མོ་ཨཱ་རྱ་ཏཱ་ར་ཡེ། །པོ་ཏཱ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང༌། །
འོད་དཔག་མེད་ཀྱི་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་འཕྲིན་ལས་མ། །
སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །
ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་གཉིས་པདྨོ་ལ་བཏུད་ནས། །
ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།།
༄༅། ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །

Read the rest of this entry »

འཛམ་གླིང་སྤྱི་ཡི་ཉི་མ།།[1]

སྐྱབས་མགོན་ཡིན་བཞིན་ནོར་བུ།།

འཚེར་མེད་ཞི་བའི་འོད་ཀྱིས།།

འཛམ་གླིང་མུན་པ་སེལ་སོང༌།།

གངས་ཅན་བོད་ཀྱི་ཟླ་བ།།

Read the rest of this entry »

རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།

དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ།

བཞི་བཅོམ་དྲུག་ལྡན་སྲིད་ཞིའི་མཐའ་ལས་འདས།། རྒྱུད་ལྔའི་འགྲོ་ལ་གཅིག་ཏུ་བརྩེ་བ་ཡིས།། རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའི།། ཤཱཀྱ་སེངྒེས་མཐའ་དག་འགྲོ་འདི་སྲུངས།། གཞན་ཕན་བྱམས་དང་སྙིང་རྗེའི་རྩ་བ་བརྟན།། ཕྱིན་དྲུག་བསྡུ་བཞིའི་ཡལ་ག་རབ་ཏུ་རྒྱས།། རླབས་ཆེན་སྤྱོད་པའི་འབྲས་བུ་གཡུར་ཟ་བ།། རྒྱས་སྲས་དཔའ་བོ་དེ་དག་ཕྱག་གི་ཡུལ།། འདི་ན་རྒྱལ་སྲས་ཐོགས་མེད་བཟང་པོ་ཞེས།། རླབས་ཆེན་སྤྱོད་པའི་གཏེར་གྱུར་གང་དེ་ཡི།། ལེགས་བཤད་རྒྱལ་སྲས་ལག་ལེན་སོ་བདུན་གྱི།། བསྡུས་འགྲེལ་མཆོད་སྤྲིན་རྒྱ་མཚཱུའི་ཟོལ་དུ་སྤེལ།། ཞེས་ཤིས་པ་བརྗོད་པའི་ཚིག་གི་ཕྲེང་བ་འགའ་ཞིག་གིས་ཉེ་བར་བསུས་ཏེ། Read the rest of this entry »

ཕན་སྒྲུབ་བོད་ཡིག་དྲ་ཚིགས།


ཟིན་བྲིས་འགོད་འདོད་པ་ཡོད་ན་ཁ་བྱང་ phendup@bodyig.comའདིའི་ཐོག་ཏུ་འབྲེལ་བ་གནང་རོགས། ཟིན་བྲིས་འགོད་འདོད་ཡོད་ཚེར་ཉིད་ཀྱི་མིང་དང། ས་གནས་གང་དུ་བཞུགས་པའི་ཁ་བྱང་། ལོ་རྒྱུས་མདོ་སྡུས་རེ་བཅས་སྐུར་རོགས། ཕན་སྒྲུབ་བོད་ཡིག་དྲ་བདག་ལ་གོང་གི་ཁ་བྱང་ཐོག་འབྲེལ་བ་བྱེད་ན། ཁྱོད་ཀྱི་དྲ་རྒྱའི་ཁ་བྱང་ཐོག་ཏུ་ཐོ་འགོད་མིང་དང་། གསང་ཚིགས་ཕྱིར་འབུལ་རྒྱུ་ཡིན།

གསལ་སྒྲགས་བྱེད་དགོས་ན་གོང་གི་ཁ་བྱང་ཐོག་ཏུ་འབྲེལ་བ་བྱེད་ཆོག


གསལ་སྒྲགས་སྣ་ཚོགས།
གཞས་ཚིགས་ཀྱི་འོད་ཟེར་ཟེར་བའི་བོད་དབྱིན་ཧིན་གསུམ་ཐོག་ཡོད་པའི་དྲ་ཚིགས་འདི་གསར་པ་ཕྱེ་འདུག
ཕ་ཡུལ་གངས་ལྠོངས།
དཔེ་དེབ་གསར་པ།
ཁམས་ཏྲེ་ཧོར་ཁུར་གྱི་སྤྱི་ལོ་ ༢༠༠༨་༢༠༠༩
གློག་ཡིག་དྲ་བ་ཁག

རྗི་དྲ་བ།..........Gmail

ཡ་ཧྰུ་དྲ་བ།........Yahoomail

ཧོཊི་དྲ་བ།.........Hotmail

ཁུའུ་ཁུའུ་དྲ་བ།... QQmail

འབྲེལ་ཡོད་དྲ་བ་ཁག
དྲ་ཚིགས་སུ་ཕེབས་མཁན།
free counters